当前位置:首页>原创消息>2017索当珠最新歌曲【管住自己的嘴】སོག་སྟགའབྲུག་གཞས་གསར། རང་ཁ་

2017索当珠最新歌曲【管住自己的嘴】སོག་སྟགའབྲུག་གཞས་གསར། རང་ཁ་

  • 发布时间:2023-04-19 23:50:29

  •  聆听雪域天籁感受藏簇风情 

    -གསན་རོགས

    霍尔仓拉浪措音乐平台

    ༄༅།།རང་ཚུགས་ཤིག་བཟུང་དང་།

    ཚིག  གྲྭ་ཐོག

    གདང་། སོག་སྟག་འབྲུག

    གླུ་པ། སོག་སྟག་འབྲུག

    ཤ་ཚའི་སྙིང་གཏམ་ཡིན་ན་མདུན་དུ་ཤོད།།

    མ་འདོད་ཟུར་གཏམ་ཡིན་ཡང་མདུན་དུ་ཤོད།།

    གཞན་གྱི་རྒྱབ་ཏུ་ལབ་ལབ་ཉུང་ཙམ་ཐོངས།།

    རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ།།

    ཨ་རོགས་ཚོ།

    སྤྲུལ་སྐུས་བུ་མོ་ཁྲིད་པར་སྙིང་ཆུང་ན།།

    གྲྭ་པས་ཚོང་གཉེར་བྱས་པར་མིག་ཡང་ཚ།།

    ཁོ་ཚོའི་དགེ་སྡིག་ཁོ་ཚོས་ཁྱེར་ནས་འགྲོ།།

    རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ།།

    གྲོགས་པོ་ཚོ།

    དཔོན་པོས་དབང་ཐང་སྤྱད་པར་ཁོང་ཁྲོ་ལངས།།

    དཔོན་ལ་སྤྲེལ་ལད་བཤད་པར་སྙིང་རླུང་ལངས།།

    ཁོ་ཚོའི་རྒྱུ་འབྲས་ཁོ་ཚོས་འཁུར་གྱི་རེད།།

    རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ།། 

    ཤ་ཉེ་ཚོ།

    ཚོང་པས་ཁེ་བཟང་ཟས་པ་བློར་མ་ཕྱིན།།

    གྲོང་པས་རླངས་འཁོར་ཉོས་པར་ཡིད་མ་མགུ།།

    ཁོ་ཚོའི་འཚོ་བ་ཁོ་ཚོས་བསྐྱལ་གྱི་རེད།།

    རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ།།

    སྤུན་ཟླ་ཚོ།


    经 典 回 顾

    ཧོར་གཙང་ལྷ་ལུང་འཚོ།བདེ་ལྡན་ཞིང་གི་སྨོན་འདུན། 

    ༢༠༡༧ལྷ་ལུང་འཚོའི་གཞས་གསར། འབྲུག་མོའི་སྐྱེམས་ཆང་།

    ཧོར་གཙང་ལྷ་ལུང་འཚོ། གསེར་གྱི་མེ་ཏོག】

    ཧོར་གཙང་ལྷ་ལུང་འཚོ། ཚེ་སྲོག་གི་ཁ་ཟས། 

    དམངས་གླུ་མཉམ་ལེན།ཧོར་གཙང་ལྷ་ལུང་མཚོ།སྙང་མོ་སྐྱིད།

    ཧོར་གཙང་ལྷ་ལུང་འཚོ། སེམས་གཞས།

    ཤེར་བསྟན་དང་ལྷ་ལུང་འཚོ།༼ཨ་མའི་བུ།༽

    ཧོར་གཙང་ལྷ་ལུང་མཚོ། ཚེ་དབང་ལྷ་མོ། ཁ་བའི་གོམ་འགྲོས།

    ཧོར་གཙང་ལྷ་ལུང་འཚོ། མདུན་སྐྱོད།

    ཧོར་གཙང་ལྷ་ལུང་འཚོའི་མི་སྒེར་མཛེས་བརྙན་ལ་དོ་ཁུར་གནང་རོགས་ཞུ།
    欢迎关注霍尔仓拉浪措个人美拍

    འཕྲིན་གྲོགས་རྣམ་པ། གཤམ་གྱི་མ་ཡིག་ཀློག་阅读原文ནས་ནང་དུ་འཇུག་རོགས